5 灰雀 小学语文 人教2001课标版
1、སློབ་ཚན་སྒྲ་དག་ཅིང་གཅོད་མཚམས་གསལ་པོའི་སྒོ་ནས་འབྱོང་ཀློག་ཐུབ་པའི་རྨང་གཞིའི་སྟེང་ མིང་དང་ཚིག་གི་གོ་དོན་
རྟོགས་པ་བྱས་ཏེ། སློབ་མར་བྱ་བ་ཅི་ཞིག་སྒྲུབ་ཀྱང་ང་རྒྱལ་དང་ཁེངས་སེམས་སྤངས་ཏེ། སྡུག་རུས་དང་འབད་བརྩོན་གྱིས་རྒྱུན་
བསྲིངས་ན། མི་ཤེས་པའམ་མི་འགྲུབ་པའི་དོན་གཅིག་ཁྱང་མེད་ལ། མཇུག་མ་བསྐྱངས་པར་བར་སྐབས་ནས་མཚམས་བཞག་ན་
འབྲས་བུ་ཅི་ཡང་མི་འབྱུང་བའི་གནས་ལུགས་རྟོགས་ཐུབ་པ་དགོས་རྒྱུ།
2、ངྱ་གཞན་དག་གིས་ཚང་བཟོ་མ་ཤེས་པ་དང་ཁུག་རྟས་ཚང་ལེགས་པོ་ཞིག་བཟོ་ཤེས་པའི་རྒྱུ་མཚན་གང་ཡིན་ཤེས་པ་བྱ་རྒྱུ།
3、སློབ་ཚན་ནང་གི་མིང་དང་ཚིག་གསར་པ་སྟེ། “ལག་རྩལ། དྲུང་དུ། ཁེངས་པ། བྱ་འདབ། མཆིལ་པ། སུན་སྣང་། འདམ་བག། རིལ་བུ། སུམ་ཚེབ་། ཆ་ཚང་།”བཅས་ཀློག་ཤེས་པ་དང་། འབྲི་ཤེས་པ། དོན་རྟོགས་པ་བཅས་བྱེད་དགོས།
སྤྱིར་སློབ་ཆུང་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་ཞན་པས་དགེ་རྒན་གྱིས་ཁོ་ཚོའི་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་དོགས་གནད་སེལ་བར་མཛུབ་ཁྲིད་གང་ལེགས་བྱས་ཏེ། ཁོ་ཚོའི་སེམས་ཁམས་སློབ་སྦྱོང་གི་སྟེང་དུ་བཞག་ཐུབ་པར་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ་པ་བྱུང་ན། ཁྲིད་པའི་སློབ་ཚན་གྱི་ནང་དོན་ཆ་ཚང་བའི་སྒོ་ནས་སློབ་མས་ཤེས་ཐུབ་པར་ཕན་འབྲས་ངེས་ཅན་ཞིག་ཐོན་སྲིད་སྙམ་པས། འདིར་སློབ་ཚན་གྱི་ནང་དོན་དང་སློབ་མ་སོ་སོའི་ཤེས་སྟོབས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་དམིགས་ཡུལ་ཡང་མི་འདྲ་བ་བཟོས་ཡོད་དེ།
སྦྱངས་འབྲས་ཅུང་མངོན་གསལ་དོད་པའི་སློབ་མ་ཚོས་སློབ་ཚན་གྱི་ནང་དོན་ཧྲིལ་པོར་གོ་བ་གཏིང་ཟབ་མོ་ལེན་ཐུབ་པའི་རྨང་གཞིའི་ཐོག། ཤེས་བྱ་གང་དང་གང་ཞིག་སློབ་སྦྱོང་བྱས་ཀྱང་ཁེངས་པ་མེད་པར་གཟབ་ནན་གྱིས་སྦྱངས་དགོས་པ་མ་ཟད། ཤེས་བྱ་སློབ་མཁན་ལ་བརྩི་བཀུར་བྱེད་དགོས་པའི་གནས་ལུགས་རྟོགས་པ་བྱ་རྒྱུ་དང་། འུག་པ། སྐྱ་ཀ། རྒོད། མཆིལ་པ་སོགས་ཀྱིས་ཚང་བཟོ་བའི་ལག་རྩལ་སློབ་དུས་ཇི་ལྟར་བྱས་པ་དང་། མཇུག་འབྲས་ཇི་འདྲ་བྱུང་བ་ངེས་པར་རྟོགས་ཐུབ་པ་དང་། ཁུག་རྟས་ཇི་ལྟར་བྱས་ནས་མཇུག་འབྲས་རི་ལྟར་བྱུང་བ་ཤེས་པ་བྱས་ཏེ་རང་ཉིད་ཀྱིས་ཀྱང་ཇི་ལྟར་བྱེད་དགོས་པར་བསམ་གཞིགས་ལེགས་པོ་ཐུབ་པ་བྱས་ཏེ་སློབ་ཚན་ཧྲིལ་པོའི་ནང་དོན་ཁོང་དུ་ཆུད་པ་དགོས་རྒྱུ།
སྦྱངས་འབྲས་འབྲིང་འབྲས་སུ་སློབས་པའི་སློབ་མ་ཚོས། གོང་གསལ་བསྟན་པའི་སློབ་ཚན་གྱི་གནས་ལུགས་རྟོགས་པ་དང་སློབ་ཚན་ནང་གི་མིང་ཚིག་ཁག་ལ་གོ་བ་ལོན་ཐུབ་པའི་རྨང་གཞིའི་ཐོག་ཚིག་མཚར་དེ་ཚོ་སྤྱད་དེ་བརྗོད་ཐུང་བཟོ་ཐུབ་པ། སྦྱང་གཞིའི་ནང་དོན་ཁག་ནོར་འཛོལ་མེད་པར་གསལ་པོར་ཤེས་པ་དགོས་རྒྱུ་དེ་ཡིན།
སྦྱངས་འབྲས་དཀའ་ངལ་ཡོད་པའི་སློབ་ཚོས་ཀྱང་རང་ཉིད་ཀྱི་ཤེས་ཚད་དང་རིག་སྟོབས་ལ་གཞིགས་ཏེ་སློབ་ཚན་འབྱོང་ཀློག་ཐུབ་པའི་རྨང་གཞིའི་འོག་སློབ་ཚན་ནང་བསྟན་པའི་ཚིག་གསར་དེ་དག་འབྲི་ཀློག་ཤེས་པ་དང་སྤྱོད་ཤེས་པ། དུམ་བུ་སོ་སོའི་ནང་དོན་ལ་གཞིགས་ཏེ་སློབ་ཚན་གྱི་བརྗོད་དོན་རིམ་བཞིན་གོ་བ་ལོན་ཐུབ་པའི་བརྩོན་ལེན་བྱས་ཏེ་ཁྱོན་ཡོངས་ཀྱིས་འཛིན་གྲྭའི་ནང་གི་སློབ་མ་ཚང་མའི་ཤེས་ཚད་གོང་མཐོར་འགྲོ་བར་འབད་བརྩོན་བྱ་རྒྱུ།
① འུག་པ་དང་། སྐྱ་ཀ། རྒོད། མཆིལ་པ་སོགས་ཀྱིས་རྒྱ་བྱའི་དྲུང་ནས་བྱ་ཚང་བཟོ་བའི་ལག་རྩལ་སློབ་དུས་སེམས་སུ་ཇི་ལྟར་
དྲན་པ་དང་། ཇི་ལྟར་བྱས་པ། མཐའ་འབྲས་ཇི་ལྟར་བྱུང་བ། ②ཁུག་རྟས་ཇི་ལྟར་བྱས་པ་དང་། མཐའ་འབྲས་ཇི་ལྟར་བྱུང་བ།
མཐའ་འབྲས་དེ་འདྲ་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་གཉིས་གནད་དུ་འཛིན་རྒྱུ་དེ་སློབ་ཚན་དེའི་དཀའ་གནད་ཡིན།
སློབ་ཁྲིད་ཀྱི་གཙོ་གནད།
སློབ་ཚན་སློབ་སྦྱོང་བྱས་རྗེས། སློབ་མས་ཤེས་བྱ་གང་དང་གང་ལ་སློབ་སྦྱོང་བྱས་ཀྱང་། ཁེངས་སེམས་སྤངས་ཤིང་གཟབ་ནན་
གྱིས་སྦཡོང་དགོས་པ་མ་ཟད། ཤེས་བྱ་སློབ་མཁན་ལ་བརྩི་བཀུར་བྱེད་དགོས་པའི་གནས་ལུགས་ཤེས་པ་དགོས་རྒྱུ།
སློབ་ཚན་སྒྲ་དག་ཅིང་གཅོད་མཚམས་གསལ་པོའི་སྒོ་ནས་འབྱོང་ཀློག་ཐུབ་པའི་རྨང་གཞིའི་སྟེང་ མིང་དང་ཚིག་གི་གོ་དོན་
རྟོགས་པ་བྱས་ཏེ། སློབ་མར་བྱ་བ་ཅི་ཞིག་སྒྲུབ་ཀྱང་ང་རྒྱལ་དང་ཁེངས་སེམས་སྤངས་ཏེ། སྡུག་རུས་དང་འབད་བརྩོན་གྱིས་རྒྱུན་
བསྲིངས་ན། མི་ཤེས་པའམ་མི་འགྲུབ་པའི་དོན་གཅིག་ཁྱང་མེད་ལ། མཇུག་མ་བསྐྱངས་པར་བར་སྐབས་ནས་མཚམས་བཞག་ན་
འབྲས་བུ་ཅི་ཡང་མི་འབྱུང་བའི་གནས་ལུགས་རྟོགས་ཐུབ་པ་དགོས་རྒྱུ།
འུག་པ་དང་། སྐྱ་ཀ། རྒོད། མཆིལ་པ་སོགས་ཀྱིས་རྒྱ་བྱའི་དྲུང་ནས་བྱ་ཚང་བཟོ་བའི་ལག་རྩལ་སློབ་དུས་སེམས་སུ་ཇི་ལྟར་
དྲན་པ་དང་། ཇི་ལྟར་བྱས་པ། མཐའ་འབྲས་ཇི་ལྟར་བྱུང་བ། ②ཁུག་རྟས་ཇི་ལྟར་བྱས་པ་དང་། མཐའ་འབྲས་ཇི་ལྟར་བྱུང་བ།
མཐའ་འབྲས་དེ་འདྲ་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་གཉིས་གནད་དུ་འཛིན་རྒྱུ་དེ་སློབ་ཚན་དེའི་དཀའ་གནད་ཡིན།
སློབ་ཚན་སློབ་སྦྱོང་བྱས་རྗེས། སློབ་མས་ཤེས་བྱ་གང་དང་གང་ལ་སློབ་སྦྱོང་བྱས་ཀྱང་། ཁེངས་སེམས་སྤངས་ཤིང་གཟབ་ནན་
གྱིས་སྦཡོང་དགོས་པ་མ་ཟད། ཤེས་བྱ་སློབ་མཁན་ལ་བརྩི་བཀུར་བྱེད་དགོས་པའི་གནས་ལུགས་ཤེས་པ་དགོས་རྒྱུ།
སློབ་ཚན་དེ་ནི་འདབ་ཆགས་ལ་སྦྱར་བའི་གཏམ་རྒྱུད་ཅིག་ཡིན་སྟེ། བྱ་མང་པོས་རྒྱ་བྱའི་མདུན་དུ་ཚང་བཟོ་བའི་ལག་རྩལ་སྦྱོང་
བར་སོང་མེད། འོན་ཀྱང་ཁུག་རྟ་གཅིག་པུས་རྒྱ་བྱས་བཤད་པ་རྣམས་བློ་རྩེགཅིག་སྒྲིམ་གྱིས་ཉན་པར་བརྟེན་མཐར་བྱ་ཚང་
ལེགས་པོ་ཞིག་བཟོ་ཤེས་པའི་བརྒྱུད་རིམ་བརྗོད་ནས། བྱ་བ་གང་ཞིག་བརྩམས་ཀྱང་རྒྱུན་སྲིང་ཐུབ་པའི་ལྡན་དགོས་པ་ཤིན་ཏུ་
གལ་ཆེ་བའི་གནས་ལུགས་བསྟན་ཡོད།
གཅིག། སློབ་ཚན་ཀྱི་མཚན་བྱང་སྟབས་འགྲེལ་བྱས་ན།
བྱ་ནི་ཁུག་རྟ་དང་ཕོ་རོག་ལ་སོགས་པ་འདབ་ཆགས་སྤྱིའི་མིང་། ལག་རྩལ་སྦྱོང་བ་ནི་བཟོའི་ལས་བྱེད་པའི་ལག་པའི་རྩལམ་ནུས་པ་སྦྱོང་བ།
གཉིས། སློབ་ཚན་དང་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ།
བྱིས་སྒྲུང་ནི་ སྲོག་ཆགས་མི་ཆོས་སུ་བཀོལ་ཏེ་མི་དང་མིའི་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་སྡོམ་ཚིག་བསྟན་པའི་སྲོག་
ཆགས་ཀྱི་སྒྲུང་ལ་ཟེར།
སློབ་ཚན་ཧྲིལ་པོ་གཅོད་མཚམས་གསལ་པོས་དགེ་རྒན་གྱིས་ཁྲིད་ཀློག་ཐེངས་ཤས་བྱས་རྗེས་སློབ་མ་ཡོངས་མཉམ་ཀློག་
ཐེངས་འགའ་བྱས་ཏེ་སྤྱིར་སློབ་མ་མང་ཆེ་བའི་སློབ་ཚན་ཀློག་འདོན་བྱེད་པའི་ནུས་པ་ཡག་ཏུ་སོང་ན། ཚོགས་ཆུང་ཁག་བགོས་
དང་། སློབ་ཕྲུག་བུ་དང་། བུ་མོ་ཁག་བགོས་སོགས་བྱ་ཐབས་སྣ་ཚོགས་ཀྱིས་སློབ་མའི་སློབ་ཚན་ཀློག་འདོན་བྱེད་པའི་ནུས་པ་
ཁྱོན་ཡོངས་ནས་སྦྱོང་བརྡར་ཡོང་བ་བྱ་རྒྱུ། སློབ་ཚན་ཀློག་འདོན་བྱེད་པའི་བརྒྱུད་རིམ་ནང་སློབ་མ་རྣམ་པས་བྱ་རྣམས་ཀྱིས་ལག་
རྩལ་སློབ་དུས་སེམས་ཀྱི་དྲན་ཚུལ་དང་། རྣམ་འགྱུར་སོགས་ཉམས་འགྱུར་ཐོན་པོའི་སྒོ་ནས་ཞིབ་ཀློག་ཐེངས་མང་བྱེད་དགོས་པ་
མ་ཟད། ཞིབ་ཀློག་བྱེད་པའི་བརྒྱུད་རིམ་ནང་གནད་དོན་གཉིས་དམིགས་སུ་བཟུང་ནས་སློབ་ཚན་གྱི་དོན་ལ་གོ་བ་ལོན་ཤེས་པ་
དགོས་ཏེ། 1、འུག་པ་དང་། སྐྱ་ཀ། རྒོད། མཆིལ་པ་སོགས་ཀྱིས་རྒྱ་བྱའི་དྲུང་ནས་བྱ་ཚང་བཟོ་བའི་ལག་རྩལ་སློབ་དུས་སེམས་
སུ་ཇི་ལྟར་དྲན་པ་དང་། ཇི་ལྟར་བྱས་པ། མཐའ་འབྲས་ཇི་ལྟར་བྱུང་བ། 2、ཁུག་རྟས་ཇི་ལྟར་བྱས་པ་དང་། མཐའ་འབྲས་ཇི་
ལྟར་བྱུང་བ། མཐའ་འབྲས་དེ་ལྟར་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་དེ་གཉིས་གནད་དུ་འཛིན་ནས་ཀློག་དགོས།
༡、མིང་དང་ཚིག་གི་འགྲེལ་པ།
རྒྱ་བྱ། -རྒྱ་ནག་གི་གནའ་བོའི་ངག་རྒྱུན་ལ་གྲགས་པའི་བྱ་བརྒྱའི་དབང་པོར་གྲགས་པའི་འདབ་ཆགས་ཤིན་ཏུ་མཛེས་པ་ཞིག།
ལག་རྩལ།-ལག་པའི་ནུས་རྩལ།
ཁེངས་པ།-ང་རྒྱལ་དང་སྤོབས་པ། མཁས་རློམ།
སུམ་ཚེབ།-སྡོང་པོ་གཅིག་ལ་ཡལ་ག་གསུམ་ཡོད་པར་ཟེར།
བྱ་འདབ།-ཁང་པའི་མདའ་གཡབ། ཐོག་ཁའི་ཆུ་འདབ་ཡང་ཟེར།
སུན་སྣང་།-སེམས་མི་དགའ་བའི་སྣང་བ།
འདམ་བག།-ས་རློན་གྱི་འདག་པ།
བཅའ་ས།-རྟེན་སའམ་སྡོད་ས།
རིལ་བུ།-དབྱིབས་ཟླུམ་པོ། སྲན་རིལ་ལྟ་བུའི་རྡོག་པོ་ཆུང་ངུའི་མིང་།
དྲུང་དུ།-འགྲམ་དང་། འཁྲིས་ཀྱི་ཞེ་ཚིག།
མཆིལ་པ།-ཁང་བྱིའུ།
ཆ་ཚང་།-ཆད་ལུས་མེད་པ། ཚང་མ། ཡོང་རྫོགས།
༢、ལྡོག་ཚིག།
ཐོས།-འོན། བརྩོན་པ།-ལེ་ལོ། ལེགས།-ཞན། སླ་པོ།-ཁག་པོ། རྩིག།-བཤིག། དགའ།-སྡུག། འོག།-སྟེང་།
༣、ཉེ་ཚིག་(འདྲ་ཚིག།)
མཆིལ་པ།-ཁང་བྱིའུ། ཅི་ཡང་།-གང་ཡང་། བརྩོན་པ།-འབད་བརྩོན། གླེང་མ་ཐག།-བཤད་མ་ཐག།
ཁེངས་པ།-སྤོབས་པ། བཅའ་ས།-རྟེན་ས། རླུང་།-ལྷགས་པ། སྐྲག།-འཇིགས། ཁུག་རྟ།-ཁ་ལ་ཡུག། ཆར་འདོད་བྱིའུ།
༤、བྱ་ཚིག།
ལག་རྩལ་སྦྱོང་། རྡོ་ལ་རི་མོ་བརྐོས། གཤོག་པ་རྡེབ། བློ་རྩེ་སྒྲིམ། སུན་སྣང་སྐྱེས། ཡིད་ལ་བཟུང་། འདམ་བག་བརྫིས།
རྩྭ་སྤུ་འདིང་། ཤིང་ཙག་བསྒྲུགས། དགའ་ནས་འཕུར། ནང་དུ་ཉལ། སུན་སྣང་སྐྱེ། རིལ་བུ་རྩིག།
༥、བརྗོད་པ།
……རྡོ་ལ་རི་མོ་བརྐོས་པ་བཞིན།……
ཁུག་རྟས་རྒྱ་བྱ་ཡིས་བསླབས་པའི་ཤེས་བྱ་ཡོང་རྫོགས་རྡོ་ལ་རི་མོ་བརྐོས་པ་བཞིན་ཡིད་ལ་བཟུང་།
……བློ་རྩེ་གཅིག་སྒྲིམ།……
ཁུག་རྟ་གཅིག་བུས་རྒྱ་བྱས་བསླབས་པའི་ཚང་བཟོ་སྟངས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་རེད།
……བདེ་ཞིང་སྐྱིད་པ།……
ཁུག་རྟས་བཟོས་པའི་ཚང་དེ་ནི་ཕྱི་ནས་བལྟས་ན་དབྱིབས་མཛེས་ཤིང་། ནང་དུ་ཉལ་ན་བདེ་ཞིང་སྐྱིད་པ་ཞིག་བྱིང་ཡོད།
༡、ངྱ་གཞན་དག་གིས་ཚང་བཟོ་མ་ཤེས་པ་དང་ཁུག་རྟས་ཚང་ལེགས་པོ་ཞིག་བཟོ་ཤེས་པའི་རྒྱུ་མཚན་གང་ཡིན་ཤེས་པ་བྱ་རྒྱུ།
༢、སློབ་ཚན་ནང་གི་མིང་དང་ཚིག་གསར་པ་སྟེ། “ལག་རྩལ། དྲུང་དུ། ཁེངས་པ། བྱ་འདབ། མཆིལ་པ། སུན་སྣང་། འདམ་བག། རིལ་བུ། སུམ་ཚེབ་། ཆ་ཚང་།”བཅས་ཀློག་ཤེས་པ་དང་། འབྲི་ཤེས་པ། དོན་རྟོགས་པ་བཅས་བྱེད་དགོས།
སློབ་ཚན་སློབ་སྦྱོང་བྱས་རྗེས། སློབ་མས་ཤེས་བྱ་གང་དང་གང་ལ་སློབ་སྦྱོང་བྱས་ཀྱང་། ཁེངས་སེམས་སྤངས་ཤིང་གཟབ་ནན་
གྱིས་སྦཡོང་དགོས་པ་མ་ཟད། ཤེས་བྱ་སློབ་མཁན་ལ་བརྩི་བཀུར་བྱེད་དགོས་པའི་གནས་ལུགས་ཤེས་པ་དགོས་རྒྱུ།
འུག་པ་དང་། སྐྱ་ཀ། རྒོད། མཆིལ་པ་སོགས་ཀྱིས་རྒྱ་བྱའི་དྲུང་ནས་བྱ་ཚང་བཟོ་བའི་ལག་རྩལ་སློབ་དུས་སེམས་སུ་ཇི་ལྟར་
དྲན་པ་དང་། ཇི་ལྟར་བྱས་པ། མཐའ་འབྲས་ཇི་ལྟར་བྱུང་བ། ཁུག་རྟས་ཇི་ལྟར་བྱས་པ་དང་། མཐའ་འབྲས་ཇི་ལྟར་བྱུང་བ།
མཐའ་འབྲས་དེ་འདྲ་བྱུང་བའི་རྒྱུ་མཚན་ཅི་ཡིན་པ་གཉིས་གནད་དུ་འཛིན་རྒྱུ་དེ་སློབ་ཚན་དེའི་དཀའ་གནད་ཡིན།
༡、 སློབ་ཚན་དེ་ནང་དོན་ཆ་ཤས་ཁག་གསུམ་ལ་དབྱེ་ཆོག་པ་དང་། དུམ་མཚམས་ཀྱི་ཆ་ནས་
རང་སྒྲུབ་དུམ་མཚམས་བདུན་ལ་དབྱེ་ཆོག་པ་སྟེ།
ཁག་དང་པོའི(རང་གྲུབ་དུམ་མཚམས་དང་པོ།)ནང་། རྒྱ་བྱའི་དྲུང་ནས་བྱ་རྣམས་ཚང་བཟོ་བའི་ལག་རྩལ་
སྦྱོང་དུ་འཛོམས་པ་བརྗོད་ནས་གཏམ་རྒྱུད་ཀྱི་འགོ་བསླངས་ཡོད།
ཁག་གཉིས་པའི(རང་གྲུབ་དུམ་མཚམས་གཉིས་པ་ནས་དྲུག་པ་བར།)ནང་། འུག་པ་དང་། སྐྱ་ཀ། རྒོད། མཆིལ་པ་ཁུག་རྟ་བཅས་རྒྱ་བྱའི་དྲུང་ནས་ལག་རྩལ་ཇི་ལྟར་བསླབ་ཚུལ་སོ་སོར་བརྗོད་ཡོད་པ་སྟེ།
གཅིག། འུག་པ་པས་རྒྱ་བྱས་བསླབ་འགོ་བརྩམས་མ་ཐག་ཏུ་རྒྱ་བྱ་ལ་ཚང་བཟོ་བའི་ལག་རྩལ་མེད་པར་ངོས་འཛིན་ནས་སྦྱོང་
འདོད་མེད་པའི་བློ་སྐྱེས་པ་མཚོན་ཡོད།
གཉིས། རྒོད་ཀྱིས་བྱ་ཚང་བཟོ་བར་གནས་གང་ཞིག་ལེགསཔ་རང་ཉིད་ཀྱིས་ཀྱང་ཤེས་པར་རློམ་ནས་སློབ་མི་འདོད་པར་
ཁེངས་སེམས་སྐྱེས་པ་དེ་མཚོན་ཡོད།
གསུམ། སྐྱ་ཀས་བྱ་ཚང་བཟོ་སྟངས་ཆ་ཚང་ཞིག་མ་སྦྱངས་པར་ཤིང་ཐུར་རྩིག་སྟངས་ཙམ་སྦྱངས་པ་དེ་མཚོན་ཡོད།
བཞི། མཆིལ་པས་རྒྱ་བྱའི་ཆུ་ཚད་དེ་རང་ཉིད་དང་གཅིག་འདྲ་ཡིན་པར་རློམ་ནས་སྦྱང་རིན་མེད་སྙམ་པའི་བློ་དེ་མཚོན་ཡོད།
ལྔ། ཁུག་རྟས་རྒྱ་བྱའི་ཚང་བཟོ་བའི་ལག་རྩལ་ཆ་ཚང་ཉན་པ་དེའི་ཐོག་ནས། ཁུག་རྟ་ནི་རང་གིས་མ་ཤེས་པ་སྦྱོང་འདོད་
ཆེ་ཞིང་། བསླབ་མཁན་ལ་བརྩི་བཀུར་ཆེ་བ་དེ་མཚོན་ཡོད།
ཁག་གསུམ་པའི(རང་གྲུབ་དུམ་མཚམས་བདུན་པ།)ནང་། བྱ་དེ་དག་གིས་རྒྱ་བྱའི་དྲུང་ནས་ཚང་བཟོ་
སྟངས་སློབ་སྦྱོང་བྱས་ཀྱང་།ཁུག་རྟ་ལས་གཞན་རྣམས་ཁེངས་པ་ཆེ་བ་དང་གཟབ་ནན་མེད་པས་མཐར་ཕྱིན་པ་མ་ཤེས་པ་དང་།
ཁུག་རྟས་ཁེངས་སེམས་མེད་པའི་སྒོ་ནས་སློབ་སྦྱོང་བྱས་པར་བརྟེན་རང་ཉིད་ཀྱིས་བཟོས་པའི་ཚན་དེ་ནི་ཕྱི་ནས་བལྟས་ན་
དབྱིབས་མཛེས་ཤིང་ནང་དུ་ཉལ་ན་བདེ་ཞིང་སྐྱིད་པ་ཞིག་བྱུང་བ་སྟེ་འབྲས་བུ་ལེགས་པོ་ཐོབ་པ་བརྗོད་ཡོད།
༢、སློབ་ཚན་གྱི་ནང་དོན་ཕྱོགས་བསྡོམས་རགས་བསྡུས།
སློབ་ཚན་དེ་ནི་འདབ་ཆགས་ལ་སྦྱར་བའི་གཏམ་རྒྱུད་ཅིག་ཡིན་ཏེ། བྱ་མང་པོས་རྒྱ་བྱའི་དྲུང་དུ་བྱ་ཚང་བཟོ་བའི་ལག་རྩལ་
སྦྱོང་བར་སོང་མོད། འོན་ཀྱང་ཁུག་རྟ་གཅིག་བུས་རྒྱ་བྱས་བཤད་པ་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པདར་བརྟེན་མཐར་བྱ་
ཚང་ལེགས་པ་ཞིག་བཟོ་ཤེས་པའི་བརྒྱུད་རིམ་བརྗོད་ནས། བྱ་བ་གང་ཞིག་བརྩམས་ཀྱང་རྒྱུན་འཁྱོངས་ཐུབ་པའི་སྙིང་སྟོབས་
ལྡན་དགོས་པ་ཤིན་ཏུ་གལ་ཆེ་བའི་གནད་ལུགས་བསྟན་ཡོད།
སློབ་ཚན་ནང་དོན་ཕྱོགས་བསྡོམས།
འུག་པ། རྣམ་འགྱུར-འགོ་བརྩམས་མ་ཐག་མ་ཉན་པར་འཕུར་ཕྱིན་པ།
མཇུག་འབྲས-ཅི་ཡང་མ་ཤེས།
བྱ་ཡིས་ རྒོད། རྣམ་འགྱུར-ཐོས་པ་ཙམ་གྱི་དེ་ལས་སླ་པོ་རེད་སྙམ་ནས་འཕུར་ཕྱིན་པ། ནན་ཏན་
ལག་རྩལ་ མཇུག་འབྲས-ཡལ་ག་སུམ་རྩེབ་སྟེང་དུ་འབབ་ཤེས་པ། གྱིས་སློབ་
སྦྱོང་བ། སྐྱ་ཀ། རྣམ་འགྱུར-ཅུང་ཙམ་ཉན་རྗེས་ཁེངས་སེམས་དང་བཅས་དེ་འཕུར་ཕྱིན། ཁྲིད་ཉན་
མཇུག་འབྲས-ཤིང་ཐུར་བརྩིགས་ནས་ཚང་བཟོ་ཐུབ་ཙམ། ན་འབྲས་
མཆིལ། རྣམ་འགྱུར-རགས་ཙམ་ཉན་རྗེས་འཕུར་ཕྱིན་པ། བུ་བཟང
མཇུག་འབྲས-ཞིབ་ཚགས་པོ་མེད་པའི་ཚང་ཙམ་བཟོ་ཤེས་པ། པོ་ཐོབ་
ཁུག་རྟ། རྣམ་འགྱུར-མགོ་ནས་མཇུག་བར་ཆ་ཚང་ཉན་རྗེས་བཀའ་དྲིན་ཆེ་ཞེས་ཞུས་ནས་འཕུར་ཕྱིན་པ། ངེས་ཡིན་པ།
མཇུག་འབྲས-ཕྱི་མཛེས་ཤིང་ནང་མཛེས་པའི་ཚང་བཟོ་ཤེས་པ།
༡、གཤམ་གྱི་ཚིག་ཡང་ཡང་ཀློག་ནས་བློ་ལ་བྱང་བ་བྱེད་དགོས།
ལག་རྩལ་སྦྱོང་བ། རྡོ་བརྐོས་རི་མོ། གཤོག་པ་རྡེབ། ཡལ་ག་གསུམ་ཚེབ། བློ་རྩེ་གཅིག་སྒྲིམ། སུན་སྣང་སྐྱེས།
༢、ངས་སྟོང་ཆ་སྐོང་ནས་གཤམ་གྱིས་སྐད་ཆ་དེ་དག་བྱ་གང་གི་བསམ་ཚུལ་ཡིན་པ་ཤེས་པ་བྱེད་ཀྱི་ཡིན།
( མཆིལ་པ།)དེ་ནི་ང་ཡིས་བསམ་པ་དང་ཡོངས་སུ་མཐུན་ནོ་སྙམ་ནས་དགའ་ཐག་ཆོད་དེ་འཕུར་ཕྱིན།
( རྒོད།)ཡལ་ག་གསུམ་ཚེབ་ཀྱི་སྡོང་པོ་གང་སར་ཡོད་པས་དེ་ནི་ལས་སླ་པོ་ཞིག་རེད་སྙམ་ནས་ཁེངས་པ་ཆེན་པོས་གཤོག་པ་
རྡེབ་བཞིན་འཕུར་ཕྱིན།
( འུག་པ། )རྒྱ་བྱ་ནི་ཕྱིའི་རྣམ་པ་མཛེས་པ་ཙམ་ལས། དོན་དུ་ལག་རྩལ་ཅི་ཡང་མེད་སྙམ་ནས་འཕུར་ཕྱིན།
༣、ངས་གཤམ་གྱི་གནས་ལུགས་དེ་གཉིས་ཤེས་ན་བསམ་གྱི་འདུག།
(1)བྱ་རྣམས་ཀྱིས་རྒྱ་བྱའི་མདུན་ནས་ཚང་བཟོ་སྟངས་སློབ་སྦྱོང་བྱས་ཀྱང་། ལ་ལས་རྩ་བ་ནས་ཤེས་
མེད་པ་དང་། ལ་ལས་ཆ་ཚང་བ་ཤེས་མེད་པ། དེའི་རྒྱུ་མཚན་གང་ཡིན།
ལན་དུ:བྱ་དེ་རྣམས་ཀྱིས་རྒྱ་བྱའི་ལག་རྩལ་དེ་ཙམ་རང་ཉིད་ལའང་ཡོད་སྙམ་ནས་ང་རྒྱལ་དང་། མཐོང་ཆུང་གི་བསམ་པ་
བཅངས་ནས་མཐར་ཕྱིན་པ་སྦྱངས་མེད་པས་ཡིན།
(2)ཁུག་རྟས་བཟོས་པའི་ཚང་དེ་ནི་ཕྱི་ནས་བལྟས་ན་དབྱིབས་མཛེས་ཤིང་། ནང་དུ་ཉལ་ན་བདེ་
ཞིང་སྐྱིད་པ་ཞིག་བྱུང་བའི་རྒྱུ་མཚན་གང་ཡིན།
ལན་དུ:ཁུག་རྟས་ཁེངས་སེམས་མེད་པའི་སྒོ་ནས་རིག་པ་རྩེ་གཅིག་གིས་སློབ་སྦྱོང་མཐར་ཕྱིན་པ་བྱས་པའི་རྐྱེན་གྱིས་ཡིན།
བདུན། སྦྱང་གཞི་བཀོད་སྒྲིག། P13 གཉིས་པ་དང་། གསུམ་པ།